查看原文
其他

སྒྱུ་རྩལ་དུས་ཆེན་འཚོགས་གྲབ་འདུག། 比如县第十一届苏毗·娜秀文化旅游艺术节将于7月25日开幕!

网信比如 2023-12-15

友情提示

点击上面“网信比如”可关注哟~

དོ་སྣང་གྱིས་དང་།

敲黑板

ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བ། འབྲི་རུ་རྫོང་བཙུགས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་ཆེད་དང་དེ་བཞིན་ཉེ་བའི་ལོ་ཤས་རིང་འབྲི་རུ་རྫོང་དུ་དམངས་ཁྲོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བབཅས་ལ་བྱུང་བའི་དགའ་འོས་པའི་འགྱུར་ལྡོག་འགྲེམས་སྟོན་བྱས་ནས་འཛམ་གླིང་གི་ཚེ་སྲོག་ཚོར་ཤེས་ཟབ་མོ་ཉམས་ལེན་གྱི་ཆེས་ཐོག་མའི་ཡུལ་སྐོར་བྱ་ཡུལ་གྱི་སྐད་གྲགས་ཆོད་ཚད་དང་མཚན་སྙན་ཆེ་རུ་གཏོང་ཆེད། ལོ་གཅིག་དུས་གཅིག་གི་འབྲི་རུ་རྫོང་སུམ་པ་ནགས་ཤོད་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་དེ་འདི་ལོའི་ཟླ་7ཚེས་25ཉིན་ཚ་ཆུ་ཤང་མ་ཁུག་གྲོང་ཚོའི་མཚོ་སྨོན་སྟེང་དུ་གཟབ་རྒྱས་ངང་འཚོག་རྒྱུ་དང་དུས་ཡུན་ཉིན་6ཡིན་པ་རེད། 

为庆祝新中国成立70周年、西藏民主改革60周年、比如县建县60周年,进一步弘扬民间优秀传统文化、丰富群众精神文化生活、展示近年来比如县发生的可喜变化,提升世界首家生命参悟情感体验的绝佳旅游目的地的知名度和美誉度,一年一度的比如县苏毗·娜秀文化旅游艺术节将于今年7月25日在比如县茶曲乡玛库村措姆顶隆重举行,为期6天。

图为2018年艺术节剪影

↑温馨提示:把手机横过来看更壮观哟↑

སྐབས་དེར། 2019ལོའི་འབྲི་རུ་རྫོང་གི་དབྱར་རྩྭ་དགུན་འབུའི་ཉོ་ཚོང་དང་ཁྱད་ལྡན་ཐོན་རྫས་ཀྱི་ཚོང་འདུས། བོད་བྱང་ཐང་དང་བོད་ཤར་གི་སྐབས་དང་པོའི་ཡུལ་སྐོར་ས་ཁོངས་མཉམ་ལས་ཀྱི་གླེང་སྟེགས། གསའ་ཕུ་རྐང་ཐང་མར་སྐྱོད་པའི་ཚོགས་ཆེན་བཅས་དུས་གཅིག་ཏུ་གཟབ་རྒྱས་ངང་འཚོག་རྒྱུ་ཡིན་པ་མ་ཟད། མི་སྟོང་གི་སྟག་ཕུའི་ཨར་གཞས་དང་སྟེང་དཀར་རལ་པ་སོགས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་འཁྲབ་སྟོན་དང་དམངས་ཁྲོད་རིག་གནས་ལུས་རྩལ་བྱེད་སྒོ་སྣ་ཚོགས་ཡོད་ལ། ད་དུང་འབྲི་རུ་རྫོང་གི་ཡིད་དབང་འཕྲོག་ཤུགས་དམིགས་བསལ་ལྡན་པའི༼འབྲོག་པའི་ཉམས་འགྱུར་འབྲི་རུའི་གཟུགས་བརྙན་༽འདེམས་བསྐོ་ཆེན་མོ་དང་རྟ་རྒྱུག རྡོ་འགྱོག་འགྲན་བསྡུར། དེ་བཞིན་ས་གནས་དེ་གའི་གདོད་མའི་སྣོད་བཅུད་གླུ་གར་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།

届时,2019年比如县冬虫夏草交易和特色产品展销会、藏北藏东首届旅游区域合作论坛、萨普徒步大会也将同步盛大举行,不仅有千人大型达布阿谐、丁嘎热巴等国家级非物质文化遗产表演和各类民间文体活动,还将开展比如县独具魅力的“牧人风采·比如形象”大选和赛马、抱石头比赛以及各种比如本土原生态歌舞表演等活动。


颜值担当


༼རི་ཆུ་མཛེས་ཤིང་ལྟ་ན་སྡུག་པའི་ནགས་ཤོད། དབྱར་རྩྭ་དགུན་འབུ་སྤུས་ཀ་དག་པའི་འབྲི་རུ།༽དེ་ནི་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ལ་འཁོད་པའི་རགས་བསྡུས་ཡག་ཤོས་ཤིག་རེད། འབྲི་རུ། ཞེས་པའི་བོད་སྐད་ཀྱི་དོན་ནི་༼འབྲི་མོའི་ཚོ་པའམ་འབྲི་མོའི་རྭ་ཅོ་༽ཞེས་པ་དེ་ཡིན་ཞིང་། མིང་གཞན་ལ་ནགས་ཤོད་ཡང་ཟེར། མཚོ་བོད་ས་མཐོའི་ཤར་རྒྱུད་དང་། རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད། གདང་ལ་དང་གཉན་ཆེན་ཐང་ལྷའི་བར་བཅས་ནི་རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་ཀྱི་འབབ་རྒྱུད་ཡིན་པ་དང་། ནགས་ཤོད་དང་སྐྱིད་ཤོད་གཉིས་ཀྱི་ས་ཁོངས་ལས་གྲུབ་པ་ཞིག་རེད། འབྲི་རུའི་རིག་གནས་ཀྱི་ནང་དོན་གཏིང་ཟབ་པ་དེ་ནི་གསུམ་པའི་རིག་གནས་ཀྱི་འབྱུང་གནས་དང་།ཐང་བོད་གནའ་ལམ། ཇ་རྟའི་གནའ་ལམ། དམར་དམག་བཅོ་བརྒྱད་བོད་སྐྱོད་བྱེད་སྐབས་རྒྱུད་པའི་གནས་བཅས་ཡིན། འབྲི་རུ་རྫོང་གི་དབྱར་རྩྭ་དགུན་འབུའི་ཐོན་འབབ་མང་བས༼བོད་བྱང་ཐང་གི་སྔོ་ལྗང་མཛེས་ལྗོངས་ཁུལ། དབྱར་རྩྭ་དགུན་འབུའི་ཕ་ས་༽ཞེས་པའི་མཚན་སྙན་གྲགས་ཡོད། རྫོང་དེ་ཡོངས་སུ་ངོ་མཚར་ཆེ་བའི་རང་བྱུང་མཛེས་ལྗོངས་དང་། ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས། ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་མ་ཟད་ས་ཁོངས་ནང་དུ་གྲགས་ཅན་གྱི་མཛེས་ལྗོངས་ཁུལ་20ལྷག་ཙམ་ཡོད་པ་མ་ཟད། ལྷག་པར་དུ་ལྟ་སྨོན་དགོན་གྱི་མི་ཐོད་རྩིག་མའི་གྱང་ནི་བོད་ལྗོངས་ཁུལ་དུ་མི་ཐོད་ཉར་ཚགས་བྱས་པའི་དུར་གནས་གཅིག་པུ་དེ་ཡིན། བརླན་ཆུ་ཤང་གི་བྲམ་ལག་ཤེལ་དཀར་མཆོད་རྟེན་མཛེས་ལྗོངས་ཁུལ་དང་། གཡང་ཤོད་གསའ་ཕུའི་འཁྱགས་རོམ། པད་དཀར་གྱི་མཚོ་སྔོ་དཀར་གཉིས། ཚྭ་ཆུའི་ཚུ་ཚན་སྤྲོ་གསེང་གྲོང་ཚོ་བཅས་ནི་ཧང་སངས་དགོས་པའི་དྲ་ཐོག་གི་མཛེས་ལྗོངས་ཁུལ་ཞིག་རེད། བྱང་རྩྭ་ཐང་དང་རྒྱལ་མོ་རྔུལ་ཆུའི་རྒྱུད་ཀྱི་མཛེས་ལྗོངས། གངས་རི། ཆུ་ཚན། བྲག་ཕུག་། རྦབ་ཆུ།  བྱ་ཟ་རེ་ཟེ་མོ།(ངག་རྒྱུན་དུ་ཟ་རེ་ཟེ་མོ་ཟེར།)དོམ་ལ་སོགས་དུ་མ་འཚོ་གནས་བྱེད་ཀྱི་ཡོད།

“山水娜秀美、虫草比如优”是对那曲市比如县最好的概括。比如,藏语意为“母牦牛部落或母牦牛角”,又名娜秀,地处青藏高原东部,怒江上游,唐古拉山和念青唐古拉山之间,属怒江上游流域,由娜秀和杰秀两个区域组成。比如文化底蕴深厚,系苏毗文化的发祥地、唐蕃古道、茶马古道和十八军进藏所经之地。比如盛产冬虫夏草,享有“藏北江南、虫草之乡”的美誉。全县有着神奇的自然风光,独特的民族风情,旅游资源极其丰富,境内风景名胜20多处,特别是达姆寺骷髅墙是西藏唯一保存头骨的天葬台,良曲帕拉晶塔景区、羊秀萨普冰川、白嘎双色湖、茶曲温泉度假村都是叹为观止的网红景点。羌塘草原、怒江沿线风光带、雪山、温泉、溶洞、瀑布、血鸡、熊……

<<  滑动查看下一张图片  >>

ཤེས་རྟོགས་བྱུང་བར་གཞིགས་ན། འབྲི་རུ་རྫོང་སུམ་པ་ནགས་ཤོད་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་ནི་འབྲི་རུ་རྫོང་གི་ཚད་གཞི་མཐོ་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་དུས་ཆེན་གཟབ་རྒྱས་ཤིག་རེད། སྐབས་རིམ་བྱུང་གི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་རེ་རེ་བཞིན་ཕུན་སུམ་ཇེ་ཚོགས་དང་ཇེ་ཡག་ཏུ་ཕྱིན་པ་མ་ཟད། ནང་དོན་ཡང་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད། ནགས་ཤོད་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་རིང་། འབྲི་རུ་རྫོང་གི་ཤང་དང་གྲོང་རྡལ་ཁག་གི་མང་ཚོགས་ཁྲི་ལྷག་ཙམ་གྱིས་གཟབ་མཆོར་ལེགས་པར་སྤྲས་ནས་གླུ་ལེན་གར་འཁྲབ་བྱས་ཏེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྟག་ཕུའི་ཨར་གཞས་དང་། སྟེང་དཀར་རལ་པ། སྲོལ་རྒྱུན་ཞབས་བྲོ་སྟག་ཕུའི་གར། དམངས་ཁྲོད་སྐོར་བྲོ་སོགས་འཁྲབ་སྟོན་བྱ་རྒྱུ་མ་ཟད་མཐའ་འཁོར་གྱི་གྲོང་ཁྱེར་དང་རྫོང་གི་ལེ་ཚན་ཡང་གར་སྟེགས་ཐོག་འཁྲབ་སྟོན་བཅས་བྱས་པ་དེ་ནི་རིག་གནས་སྒྱུ་རྩལ་གྱི་སྟོན་མོ་གྲ་རྒྱས་ཞིག་ཡིན་ངེས་རེད། ལུས་རྩལ་འགྲན་བསྡུར། རྟ་རྒྱུག་འགྲན་བསྡུར། རྡོ་འགྱོག། ཐག་པ་འཐེན་པ་སོགས་ལ་བརྟེན་ནས་ཚང་མར་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཉམས་འགྱུར་མངོན་པར་བྱ་རྒྱུ་རེད།

据悉,比如县苏毗·娜秀文化旅游艺术节是比如县规格最高、规模最大的盛会。历届文化艺术节,演出一届比一届精彩,内容一届比一届丰富。娜秀文化旅游艺术节期间,比如县各乡镇群众上万人身着节日盛装载歌载舞,表演国家级非遗达布阿谐、丁嘎热巴和传统舞蹈达布卡尔、民间锅庄等,来自周边市县的节目也将登上舞台,这必将是一场文化艺术的盛宴;体育竞技节目赛马、搬石头、拔河等将为大家展示独有的民族风情。


དུས་མཚུངས་སུ་གྲོགས་པོ་ལྷན་རྒྱས་ལ་མིག་གི་ལོངས་སྤྱོད་དུ་འགྱུར་བ་མ་ཟད། སྔོ་ལྗང་གི་ཟས་མཆོག་རྩམ་པ་དང་ཚགས་ཤ་རོ་མྱོང་བྱ་རྒྱུ་ཡོད་ལ་དྲི་ཞིམ་གྱི་ཇ་སྲུབ་མའང་འཐུང་རྒྱུ་ཡོད། དེའི་ནང་ནས་གཙོ་ཆེ་ཤོས་ཞིག་ནི་མི་སྟོང་གི་སྐོར་བྲོའི་ནང་ཞུགས་རྒྱུ་དེ་རེད།

界时,不仅仅让小伙伴大饱眼福,还能吃到原生态糌粑、牦牛肉,喝到醇香酥油茶,最重要的是还能亲身参与千人锅庄舞。

དབྱར་རྩྭ་དགུན་འབུའི་ཕ་ས། ཡིད་དབང་འཕྲོག་པའི་ནགས་ཤོད། བདེ་སྐྱིད་ལྡན་པའི་ཕ་ཡུལ། འཆམ་མཐུན་གྱི་འབྲི་རུ། མིའི་རིགས་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་དང་དུས་ཀྱི་འགྱུར་བ་མང་པོ་བརྒྱུད་ནས། ས་གཞི་འདིའི་ཚོན་མདངས་ལས་ཉམས་སྣང་ཞིག་འཐུལ་ཡོད། འབྲི་རུ་ནི་རང་བྱུང་ཁམས་ཆེན་མོའི་ཡིད་དབང་འཕྲོག་པའི་སྙན་ངག་གི་ལེའུ་ཡིན་ལ། འཛམ་གླིང་གི་ཡང་རྩེའི་རྣམ་པས་ཁེངས་ཤིང་དྭངས་གཙང་ལྷད་མེད་ཡིན་པས། སེམས་ཀྱི་དད་སེམས་ཡིན་ལ། དགུང་ཨ་སྔོན་གྱི་བརྗིད་པའི་འོད་ཟེར་ཡང་ཡིན། སྐབས་གསར་པའི་རྫོང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་ཚན་ཁག་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྫོང་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ལས་སྒྲུབ་ལས་གཏོད་དང་། འགན་འཁྲི་འཁུར་ཕོད་པ། སྤྱི་ཚོགས་ཀྱི་བྱ་གཞག་ཁག་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བ། མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་བཅས་བྱུང་ཡོད། མིག་སྔར། སྤྱི་ཚོགས་འཆམ་མཐུན་དང་། རྨང་གཞིའི་སྒྲིག་བཀོད་ཆ་ཚང་བ། འགྲིམ་འགྲུལ་དར་རྒྱས་ཆེ་བ། སྒོ་འབྱེད་ཡར་བརྩོན་གྱི་འབྲི་རུས་བོད་ལྗོངས་ཀྱི་ཁྱད་ཆོས་དང་ནང་སའི་དམིགས་བསལ་ཁྱད་ཆོས་ལྡན་པའི་སྒོ་ནས་ཕྱོགས་བཞི་མཚམས་བརྒྱད་ལ་བསུ་བ་ཞུ་བཞིན་ཡོད། 

虫草之乡,秘瀞娜秀,幸福家园,和谐比如。人类与自然和谐共生,历经沧桑。这片土地的色彩,散发着潇洒与俊逸。比如的诱惑,是大自然动人的诗章,是世界屋脊的满目清澈,是心中坚贞的信仰,是苍穹土地升腾的光芒!在新一届县委、政府领导班子的坚强领导下,全县各族人民干事创业、敢于担当,社会各项事业协同跨步发展,人民群众安居乐业。目前,比如社会和谐、基础设施齐全、交通发达,开放奋进的比如,正以兼济西藏特色、内地特点的独特风姿迎接四方!



རིང་ཚད་དབྱེ་འབྱེད་ཀྱི་རྩ་གཉིས་ཨང་རྟགས་བརྒྱུད་ནས་སྔ་སྣུར་དུ་སྒྱུ་རྩལ་དུས་ཆེན་གྱི་བརྒྱུད་རིམ་ཁག་ཤེས་ཐུབ།

长按识别二维码提前揭秘艺术节各大环节


主编:张俊

撰稿:吴晓聪

编辑:米玛次仁

翻译:旦增多吉

校对:桑珍、肖晓燕、旦增多吉


རྩོམ་བསྐུར་ཡིག་སྒམ། ༢༨༧༧༣༩༩༤.com 

投稿邮箱号:28773994.com


—The End—


往期精选


1、我县赴甬参加2018中国(宁波)食品博览会,感谢CCTV……

2、听一次别样的比如虫草之旅,晚安!

3、冬游西藏 |  隐藏在那曲的最后一块绝世秘境!

4、比如县顺达驾校落成啦,落成啦,成啦,啦!

5、医疗民生 | 宫外孕破裂导致失血性休克,汶上专家精诚协作,病人转危为安!

6、邂逅萨普 | 比如“奔驰”在路上,只因比如而来!

7、年薪8万-30万任性招人!等的就是

继续滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存